དོལ་པོ་བརྩེ་གླུ།

 

གཡུ་གཅིག་གཏོར་ན་གཏོར་ཅིག།། ལྷ་སའི་ཁྲོམས་ནས་ཉོས་ཆོག།།

ཨོ་ལོ་ཤི་ན་ཕངས་བྱུང་།། ལུས་སེམས་འབྱོར་ས་མི་འདུག།

 

ཁྱེད་ནི་ལ་མོའི་ཕར་རྒྱབ།། ང་ནི་ལ་མོའི་ཚུར་རྒྱབ།།

ཟ་རེས་འཐུང་རེས་མེད་ཀྱང་།། ཡིག་ཆུང་སྐུར་རེས་བགྱིད་རོ།།

 

ཁྱོད་སེམས་ང་ལ་དཀར་དཀར།། ང་སེམས་ཁྱོད་ལ་དཀར་དཀར།།

འོ་རང་དཀར་དཀར་གཉིས་པོ།། དཀར་པོ་ལྷ་ཆོས་བྱེད་རོ།།

 

ཡོང་ཁུངས། མཐོ་སྒང་དོལ་པོའི་དམངས་གླུ་ཕྱོགས་བསྡུས།