བྲག་རི་དམར་པོ།

བསོའོ། བྲག་རི་དམར་པོའི་ཟུར་ལ།།

བསོའོ། བྲག་རི་དམར་པོའི་ཟུར་ལ།།

བསོའོ་ཡ་ལ། བྲག་དམར་རྩ་སྣ་འཛོམས་བྱུང་། །ཡ་ལ་བསོའོ།

བསོའོ་ཡ་ལ། བྲག་དམར་རྩ་སྣ་འཛོམས་བྱུང་། །ཡ་ལ་བསོའོ།

བསོའོ། སྟོད་ལ་སྤང་ཁ་སྐྱིད་བྱུང་།།

བསོའོ། སྟོད་ལ་སྤང་ཁ་སྐྱིད་བྱུང་།།

བསོའོ་ཡ་ལ། སྤང་རི་སྤང་ཤོངས་སྐྱིད་བྱུང་། །ཡ་ལ་བསོའོ།

བསོའོ་ཡ་ལ། སྤང་རི་སྤང་ཤོངས་སྐྱིད་བྱུང་། །ཡ་ལ་བསོའོ།

བསོའོ། སྨད་ལ་སིང་མ་སྐྱིད་བྱུང་།།

བསོའོ། སྨད་ལ་སིང་མ་སྐྱིད་བྱུང་།།

བསོའོ་ཡ་ལ། སིང་མ་སིང་ཤོང་སྐྱིད་བྱུང་། །ཡ་ལ་བསོའོ།

བསོའོ་ཡ་ལ། སིང་མ་སིང་ཤོང་སྐྱིད་བྱུང་། །ཡ་ལ་བསོའོ།

བསོའོ། བྲག་དམར་བྲག་གི་སྐྱེད་ལ།།

བསོའོ། བྲག་དམར་བྲག་གི་སྐྱེད་ལ།།

བསོའོ་ཡ་ལ། ལྷ་བྱ་ཨ་ལི་ཀོར་ཀོར། །ཡ་ལ་བསོའོ།

བསོའོ་ཡ་ལ། ལྷ་བྱ་ཨ་ལི་ཀོར་ཀོར། །ཡ་ལ་བསོའོ།

བསོའོ། བྲག་དམར་ཡུལ་གྱི་མགོ་ལ།།

བསོའོ། བྲག་དམར་ཡུལ་གྱི་མགོ་ལ།།

བསོའོ་ཡ་ལ། དགོན་པ་སྨུག་ཆུང་སྐྱིད་བྱུང་། །ཡ་ལ་བསོའོ།

བསོའོ་ཡ་ལ། དགོན་པ་སྨུག་ཆུང་སྐྱིད་བྱུང་། །ཡ་ལ་བསོའོ།

བསོའོ། དེ་ཡི་ནང་དུ་བཞུགས་མཁན།།

བསོའོ། དེ་ཡི་ནང་དུ་བཞུགས་མཁན།།

བསོའོ་ཡ་ལ། སྐུ་འདྲ་ཕྱག་ན་རྡོ་རྗེ། །ཡ་ལ་བསོའོ།

བསོའོ་ཡ་ལ། སྐུ་འདྲ་ཕྱག་ན་རྡོ་རྗེ། །ཡ་ལ་བསོའོ།

བསོའོ། དེ་ལ་ཞབས་ཕྱི་ཞུ་མཁན།།

བསོའོ། དེ་ལ་ཞབས་ཕྱི་ཞུ་མཁན།།

བསོའོ་ཡ་ལ། བྲག་དམར་སྲས་པོ་སྲས་མོ། །ཡ་ལ་བསོའོ།

བསོའོ་ཡ་ལ། བྲག་དམར་སྲས་པོ་སྲས་མོ། །ཡ་ལ་བསོའོ།

 

 

མཐོ་སྒང་དོལ་པོའི་དམངས་གླུ་ཕྱོགས་བསྡུས་ལས་དྲངས།

https://www.facebook.com/DolpoFolkSongsBook/