ཞོ་གླུ།

གཡའ་ཆུ་བརྒྱབ་སྟེ་ཞུ་སོང་།། གངས་ཆུ་བརྒྱབ་སྟེ་ཁྱག་སོང་།།

ཞོ་ལ་འབེད་ཆུ་དགོས་འདུག། གཙང་ཆུ་སྔོན་མོ་གདན་དྲོངས།།

 

གཡང་རྐྱལ་ཕྲ་མོའི་ནང་ན།། གཡང་ཡོངས་ཟིང་ཁ་གདངས་ཀྱི།།

ད་ར་མར་རུ་ཧྲུག་ཧྲུག། མར་རུ་སེར་ཆེན་ཧྲུག་ཧྲུག།

 

ཞོ་རྐྱལ་ལེ་མོ་བསྭོ་བསྭོ།། ད་ར་མར་རུ་ཧྲུག་ཧྲུག།

མར་གོང་བཙུན་པའི་མགོ་ཙམ།། རྗི་བོའི་དབུ་འཕངས་གསོས་ཅིག།

 

རྐྱལ་བ་ཞོ་མེད་ཡིན་ཡང་།། སྐད་གྲགས་ར་ཞིག་ཆེ་བྱུང་།།

བུ་མོ་ལས་མེད་འདྲ་ཞིག། གླུ་རྒྱངས་འདྲ་ཞིག་ཆེ་བྱུང་།།

 

ཞོ་ལ་ཉོག་དཀྲོགས་མ་བྱེད།། མར་ལ་ཁ་ཚ་ཞུགས་ཡོང་།།

མཛེས་མ་གཉིས་འཛིན་མ་བྱེད།། སེམས་ལ་ཁོང་ཁྲོ་ཞུགས་ཡོང་།།

 

རྩི་རྩི་ར་མའི་ཞོ་ལ།། གླིང་བཞི་སྐོར་ལོང་མི་འདུག།

གཡང་དཀར་མ་མོའི་ཞོ་ལ།། ཤེད་དང་དཔུང་པ་དགོས་ཀྱི།།