ཡུལ་ཕྱོགས་གླིང་དཀར་སྟོད་ལ།

ཡུལ་ཕྱོགས་གླིང་དཀར་སྟོད་ལ།། ཡུལ་ཕྱོགས་གླིང་དཀར་སྟོད་ལ།།

ཨོ་ལོ་ངས་འགྲོ་ཟེར་མ་མྱོང།། གཞོན་པ་ངས་འགྲོ་ཟེར་མ་མྱོང་།།

ཞི་བ་ལ་མོ་འགྲིག །

གླིང་གི་སེང་ཆེན་རྒྱལ་པོས།། གླིང་གི་སེང་ཆེན་རྒྱལ་པོས།། ཨོ་ལོ་ང་ཡར་ཤོག་གསུངས་བྱུང་།། གཞོན་པ་ང་ཡར་ཤོག་གསུངས་བྱུང་།།

ཞི་བ་ལ་མོ་འགྲིག །

ཅི་དགོས་གང་དགོས་ཞུས་ཏེ།། ཅི་དགོས་གང་དགོས་ཞུས་ཏེ།།

ཆོས་མགོ་ཐོན་ཤོག་གསུངས་བྱུང་།། ཆོས་མགོ་ཐོན་ཤོག་གསུངས་བྱུང་།།

ཞི་བ་ལ་མོ་འགྲིག །

དམ་ཆོས་པོ་ཏི་བྱུང་ན།། དམ་ཆོས་པོ་ཏི་བྱུང་ན།། ཆོས་མགོ་སྟོན་ན་ཆོག་གི ། ཆོས་མགོ་སྟོན་ན་ཆོག་གི །

ཞི་བ་ལ་མོ་འགྲིག །

ཡུལ་ཕྱོགས་གླིང་དཀར་སྟོད་ལ།། ཡུལ་ཕྱོགས་གླིང་དཀར་སྟོད་ལ།།

ཨོ་ལོ་ངས་འགྲོ་ཟེར་མ་མྱོང་།། གཞོན་པ་ངས་འགྲོ་ཟེར་མ་མྱོང་།།

ཞི་བ་ལ་མོ་འགྲིག །

གླིང་གི་སེང་ཆེན་རྒྱལ་པོས། གླིང་གི་སེང་ཆེན་རྒྱལ་པོས།

ཨོ་ལོ་ང་ཡར་ཤོག་གསུངས་བྱུང་།། གཞོན་པ་ང་ཡར་ཤོག་གསུངས་བྱུང།།

ཞི་བ་ལ་མོ་འགྲིག །

ཅི་དགོས་གང་དགོས་ཞུས་ཏེ།། ཅི་དགོས་གང་དགོས་ཞུས་ཏེ།།

དགྲ་མགོ་འཐུལ་ཤོག་གསུང་བྱུང་།། དགྲ་མགོ་འཐུལ་ཤོག་གསུང་བྱུང་།།

ཞི་བ་ལ་མོ་འགྲིག །

མདའ་གྲི་མདུང་གསུམ་བྱུང་ན།། མདའ་གྲི་མདུང་གསུམ་བྱུང་ན།།

དགྲ་མགོ་བརྟུལ་ན་ཆོག་གི ། དགྲ་མགོ་བརྟུལ་ན་ཆོག་གི །

ཞི་བ་ལ་མོ་འགྲིག །

ཡུལ་ཕྱོགས་གླིང་དཀར་སྟོད་ལ།། ཡུལ་ཕྱོགས་གླིང་དཀར་སྟོད་ལ།།

ཨོ་ལོ་ངས་འགྲོ་ཟེར་མ་མྱོང་།། གཞོན་པ་ངས་འགྲོ་ཟེར་མ་མྱོང་།།

ཞི་བ་ལ་མོ་འགྲིག །

གླིང་གི་སེང་ཆེན་རྒྱལ་པོས།། གླིང་གི་སེང་ཆེན་རྒྱལ་པོས།།

ཨོ་ལོ་ང་ཡར་ཤོག་གསུངས་བྱུང་།། གཞོན་པ་ང་ཡར་ཤོག་གསུངས་བྱུང་།།

ཞི་བ་ལ་མོ་འགྲིག །

ཅི་དགོས་གང་དགོས་ཞུས་ཏེ།། ཅི་དགོས་གང་དགོས་ཞུས་ཏེ།།

གཉེན་མགོ་སྐྱོངས་ཤོག་གསུངས་བྱུང་། གཉེན་མགོ་སྐྱོངས་ཤོག་གསུངས་བྱུང་།

ཞི་བ་ལ་མོ་འགྲིག །

ཕ་གཞིས་ཕ་མཁར་བྱུང་ནི།། ཕ་གཞིས་ཕ་མཁར་བྱུང་ནི།།

གཉེན་མགོ་བསྐྱངས་ན་ཆོག་གི ། གཉེན་མགོ་བསྐྱངས་ན་ཆོག་གི །

ཞི་བ་ལ་མོ་འགྲིག །

 

ཡོང་ཁུངས། མཐོ་སྒང་དོལ་པོའི་དམངས་གླུ་ཕྱོགས་བསྡུས།