ཨེ་མ་ཧོ་ལ་ངོ་མཚར་ཆེ།། དོལ་པོའི་དམངས་གླུ།

ཨེ་མ་ཧོ་ལ་ངོ་མཚར་ཆེ།། མཐོན་པོའི་གངས་ལ་མ་འགྲོ།།

གངས་ལ་སེངྒེ་ཡོད་དོ་ཨེ་མ་ཧོ།། ཨེ་མ་ཧོ་ལ་ངོ་མཚར་ཆེ།།

གངས་ལ་སེངྒེ་ཡོད་དོ།། གངས་ལ་སེངྒེ་ཡ་ལ་ཡོད་དོ།།

ལུང་བསྟན་ཞུས་ནས་ལོག་འགྲོ།། ལུང་བསྟན་ཞུས་ནས་ལོག་འགྲོ།།

 

ཨེ་མ་ཧོ་ལ་ངོ་མཚར་ཆེ།། མཐོན་པོའི་བྲག་ལ་མ་འགྲོ།།

བྲག་ལ་བྱ་རྒྱལ་ཡོད་དོ་ཨེ་མ་ཧོ།། ཨེ་མ་ཧོ་ལ་ངོ་མཚར་ཆེ།།

བྲག་ལ་བྱ་རྒྱལ་ཡོད་དོ།། བྲག་ལ་བྱ་རྒྱལ་ཡ་ལ་ཡོད་དོ།།

ལུང་བསྟན་ཞུས་ནས་ལོག་འགྲོ།། ལུང་བསྟན་ཞུས་ནས་ལོག་འགྲོ།།

 

ཨེ་མ་ཧོ་ལ་ངོ་མཚར་ཆེ།། མཐོན་པོའི་རྫ་་ལ་མ་འགྲོ།།

རྫ་ལ་འབྲོང་ཆུང་ཡོད་དོ་ཨེ་མ་ཧོ།། ཨེ་མ་ཧོ་ལ་ངོ་མཚར་ཆེ།།

རྫ་ལ་འབྲོང་ཆུང་ཡོད་དོ།། རྫ་ལ་འབྲོང་ཆུང་ཡ་ལ་ཡོད་དོ།།

ལུང་བསྟན་ཞུས་ནས་ལོག་འགྲོ།། ལུང་བསྟན་ཞུས་ནས་ལོག་འགྲོ།།

 

ཨེ་མ་ཧོ་ལ་ངོ་མཚར་ཆེ།། མཐོན་པོའི་སྤང་ལ་མ་འགྲོ།།

སྤང་ལ་ཤྭ་བ་ཡོད་དོ་ཨེ་མ་ཧོ།། ཨེ་མ་ཧོ་ལ་ངོ་མཚར་ཆེ།།

སྤང་ལ་ཤྭ་བ་ཡོད་དོ།། སྤང་ལ་ཤྭ་བ་ཡ་ལ་ཡོད་དོ།།

ལུང་བསྟན་ཞུས་ནས་ལོག་འགྲོ།། ལུང་བསྟན་ཞུས་ནས་ལོག་འགྲོ།།

 

ཨེ་མ་ཧོ་ལ་ངོ་མཚར་ཆེ།། མཐོན་པོའི་ནགས་་ལ་མ་གྲོ།།

ནགས་ལ་སྟག་མོ་ཡོད་དོ་ཨེ་མ་ཧོ།། ཨེ་མ་ཧོ་ལ་ངོ་མཚར་ཆེ།།

ནགས་ལ་སྟག་མོ་ཡོད་དོ།། ནགས་ལ་སྟག་མོ་ཡ་ལ་ཡོད་དོ།།

ལུང་བསྟན་ཞུས་ནས་ལོག་འགྲོ།། ལུང་བསྟན་ཞུས་ནས་ལོག་འགྲོ།།

 

ཨེ་མ་ཧོ་ལ་ངོ་མཚར་ཆེ།། མཐོན་པོའི་ཐང་་ལ་མ་འགྲོ།།

ཐང་ལ་རྐྱང་ཆུང་ཡོད་དོ་ཨེ་མ་ཧོ།། ཨེ་མ་ཧོ་ལ་ངོ་མཚར་ཆེ།།

ཐང་ལ་ལ་རྐྱང་ཆུང་ཡོད་དོ།། ཐང་ལ་ལ་རྐྱང་ཆུང་ཡ་ལ་ཡོད་དོ།།

ལུང་བསྟན་ཞུས་ནས་ལོག་འགྲོ།། ལུང་བསྟན་ཞུས་ནས་ལོག་འགྲོ།།

 

ཨེ་མ་ཧོ་ལ་ངོ་མཚར་ཆེ།། མཐོན་པོའི་མཚོ་ལ་མ་འགྲོ།།

མཚོ་ལ་ཉ་ཆུང་ཡོད་དོ་ཨེ་མ་ཧོ།། ཨེ་མ་ཧོ་ལ་ངོ་མཚར་ཆེ།།

མཚོ་ལ་ཉ་ཆུང་ཡོད་དོ།། མཚོ་ལ་ཉ་ཆུང་ཡ་ལ་ཡོད་དོ།།

ལུང་བསྟན་ཞུས་ནས་ལོག་འགྲོ།། ལུང་བསྟན་ཞུས་ནས་ལོག་འགྲོ།།

 

ཕྱོགས་སྒྲིག་པ། དོལ་པོ་རིག་མཛོད་དྲ་བ།

©དོལ་པོ་རིག་མཛོད་དྲ་བའི་ཐོག་ནས་རྩོམ་ཡིག་ཅི་ཞིག་བརྒྱུད་སྐུལ་གནང་ཡང་ཡིན་ཅིག་ཡོང་ཁུངས་འགོད་རྒྱུ་མ་བརྗེད་པ་གནང་རོགས།