མ་གི་ལྷོ་རོང་གཏིང་།

མ་གི་ལྷོ་རོང་གཏིང་ཤེད་ན། །

མ་གི་ལྷོ་རོང་གཏིང་ཤེད་ན། །

གཙང་ཆབ་སྔོན་མོ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

གཙང་ཆབ་སྔོན་མོ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

གསེར་ཟམ་ཟམ་པའི་སྟེང་ཤེད་ན།།

གསེར་ཟམ་ཟམ་པའི་སྟེང་ཤེད་ན།།

ཁམས་གསུམ་དབང་འདུས་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

ཁམས་གསུམ་དབང་འདུས་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

ཁམས་གསུམ་དབང་འདུས་སྟེང་ཤེད་ན། །

ཁམས་གསུམ་དབང་འདུས་སྟེང་ཤེད་ན། །

 

འབུ་རས་ཧོ་འཇུ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

འབུ་རས་ཧོ་འཇུ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

འབུ་རས་ཧོ་འཇུ་སྟེང་ཤེད་ན། །

འབུ་རས་ཧོ་འཇུ་སྟེང་ཤེད་ན། །

ཤན་མའི་སྤུ་ཕྲུག་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཤན་མའི་སྤུ་ཕྲུག་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

ཤན་མའི་སྤུ་ཕྲུག་སྟེང་ཤེད་ན། །

ཤན་མའི་སྤུ་ཕྲུག་སྟེང་ཤེད་ན། །

ཆུང་སེ་སྐེ་རགས་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

ཆུང་སེ་སྐེ་རགས་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

ཆུང་སེ་སྐེ་རགས་སྟེང་ཤེད་ན། །

ཆུང་སེ་སྐེ་རགས་སྟེང་ཤེད་ན། །

སོག་ལྷམ་ཞི་ཁྲ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

སོག་ལྷམ་ཞི་ཁྲ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

སོག་ལྷམ་ཞི་ཁྲའི་སྟེང་ཤེད་ན། །

སོག་ལྷམ་ཞི་ཁྲའི་སྟེང་ཤེད་ན། །

འཇའ་དཀྲིས་གསུམ་བརྩེགས་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།

འཇའ་དཀྲིས་གསུམ་བརྩེགས་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

འཇའ་རིས་གསུམ་བརྩེགས་སྟེང་ཤེད་ན། །

འཇའ་རིས་གསུམ་བརྩེགས་སྟེང་ཤེད་ན། །

ཚེ་རིང་སྐྱིན་ཁེབས་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཚེ་རིང་སྐྱིན་ཁེབས་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

ཚེ་རིང་སྐྱིན་ཁེབས་སྟེང་ཤེད་ན། །

ཚེ་རིང་སྐྱིན་ཁེབས་སྟེང་ཤེད་ན། །

བྱུ་རུ་སྤོས་ཏོག་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

བྱུ་རུ་སྤོས་ཏོག་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

བྱུ་རུ་སྤོས་ཏོག་སྟེང་ཤེད་ན། །

བྱུ་རུ་སྤོས་ཏོག་སྟེང་ཤེད་ན། །

དགུང་གནམ་སྔོན་མོ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

དགུང་གནམ་སྔོན་མོ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག།།

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

དགུང་གནམ་སྔོན་མོའི་སྟེང་ཤེད་ན། །

དགུང་གནམ་སྔོན་མོའི་སྟེང་ཤེད་ན། །

ཉི་ཟླ་སྐར་གསུམ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

ཉི་ཟླ་སྐར་གསུམ་འཁྱུག་ཞི་གདའ་ལ་འཁྱུག་འཁྱུག །

ཨ་ལེ་གཡས་པ། ཨ་ལེ་གཡོན་མ། ཨ་ལེ་རྐེད་པ།

ཨ་ལེ་ཕྱག་འབུལ། ཨ་ལེ་ས་ལམ་ས་ལམ།

 

 

མཐོ་སྒང་དོལ་པོའི་དམངས་གླུ་ཕྱོགས་བསྡུས་ལས་ཤུས།